Articles‎ > ‎

རྩོམ།།

posted Aug 19, 2012, 7:43 PM by Sonam Leki   [ updated Aug 19, 2012, 8:10 PM ]
ང་བཅས་གཞལམ་སྒང་རྫོང་ཁག་འདི།།

ས་གནས་མཐའ་ཟུར་ཨིན་རུང་རང་།།

ནཱ་ཚ་གང་བ་སྙུང་མི་འདི།།

འཐུང་ཆུ་གཙང་སྦྲ་ཡོདཔ་ཨིན་པས།།

 

ང་བཅས་འབྲུག་གི་རྒྱལ་ཁབ་འདི།།

ཆུང་ཀུ་གཅིག་ལས་མེད་རུང་རང་།།

དགའ་སྐྱིད་ངང་ལུ་སྡོད་མི་འདི།།

མི་དབང་རྒྱལ་པོའི་བཀའ་དྲིན་ཨིན།།

 

        དགའ་བའི་ཡི་སྦི་་སློབ་གྲྭ་ནང་།།

        ཀུན་ཚང་ཤེས་ཡོན་སྦྱང་སྟེ་གི།

        དགའ་སྐྱིད་གཉིས་དང་ལྡན་མི་འདི།།

        སློབ་དཔོན་ཡོངས་ཀྱི་བཀའ་དྲིན་ཨིན།།

 

འཇིག་རྟེན་འཛམ་གླིང་འདི་ནང་ལུ།།

མི་ལུས་ལན་ཅིག་ཐོབ་ད་ལུ།།

མི་ཚེ་འཕྲོག་བརླག་མ་གཏང་པར།།

ཤེས་ཡོན་འདི་ལུ་བརྩོན་གནང་ཞུ།།

 

                འབྲི་མི:  ཚེ་རིང་ཡེ་་ཤེས།།

                སློབ་རིམ་དགུ་པ་ཀ་སྡེ།

Comments