Articles‎ > ‎

རྩང་མོ།

posted Aug 9, 2012, 7:47 PM by Sonam Leki   [ updated Aug 9, 2012, 7:51 PM ]

རྩང་མོ་མི་འབྲི་ཟེར་ན།།

སེམས་པ་ཧིང་ལས་སྐྱོ་སོང་།།

སྐྱོ་བའི་རྩང་མོ་མ་གཏོགས།།

དགའ་བའི་རྩང་མོ་མིན་འདུག།

 

སློབ་དཔོན་འདི་ཚུ་མཐོངམ་ད།།

རང་གི་ཕ་མ་དྲན་མས།།

ཆུང་ཚེ་ཕ་མས་གསོ་བ།།

ཕ་མ་བཀའ་དྲིན་ཆེ་སོང་།།

 

ཉལ་རུང་གཉིད་ཡང་མིན་འདུག།

བཟའ་རུང་བཅུད་ཡང་མིན་འདུག།

ཕམ་དང་འཕྱད་ནི་མེདཔ་ལས།།

མིག་ལས་མིག་ཆུ་འབུད་མས།།

 

ལ་མོའི་རྒྱབ་ལུ་བཞུགས་མི།།

ངི་གི་ཕ་མ་དང་སྤུན་ཆ།།

ལུས་ལུ་ན་ཚ་མེད་པ།།

ལེགས་ཤོམ་སྦེ་རང་ཡོད་ག།

 

ཉི་མ་སྒྲོལ་མ།

སློབ་རིམ་དགུ་པ་ག་སྡེ།

Comments