Articles‎ > ‎

ཕམ༌དང༌སློབ༌དཔོན༌ལུ༌བཀྲིན༌བསམ༌དགོཔ།

posted Mar 16, 2013, 9:40 PM by Sonam Leki

མི༌ཚེ༌ཐུང༌ཀུ༌འདི༌ནང༌།། དགའ༌སྐྱིད་ངང་ལུ་བཞག་མི།། བཀའ་དྲིན་ག་ལུ་བསམ་ནི།། ཆ་རོགས་ཚུ་གི་ཤེས་དགོ།

དེ་ཡང་རང་སྐྱེ་བའི་ཕམ་དང་ རང་ལུ་ཡོན་ཏན་གནང་མི་སློབ་དཔོན་ལུ་ བཀའ་དྲིན་དགའ་ཚོར་དང་ གུས་ཞབས་འབད་དགོཔ་འདི་གལ་ཆེ། དེ་ཡང་ཕམ་གྱིས་ཆུང་ཚེ་རྐང་ཐང་དྲངས་ སྦོམ་ཚེ་མི་གྲལ་བཙུགས་མི་ ང་བཅས་རའི་ཕམ་དང་སློབ་དཔོན་ཚུ་ཨིན།

དེ་མ་ཚད་རྒྱལ་སྲས་ལག་ལེན་ནང་ལས་ཡང་  གང་ཞིག་བསྟོན་ན་ཉེས་པ་ཟད་འགྱུར་ཞིང་།། ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི།། བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང་།། གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཨིན།། ཟེར་དོ་བཟུམ་ སློབ་དཔོན་གྱིས་ ང་བཅས་ཡོན་ཏན་ལྷབ་མི་ཚུ་ལུ་ སྤང་བླང་ལེགས་ཉེས་སྟོན་གནངམ་ཨིན། དེ་ལས་ཨ་ལོ་ཚུ་ལུ་ ཆོས་ཡོན་ཏན་ལེགས་ཤོམ་སྟོན་གནངམ་མ་ཚད་ ཕན་པའི་བསླབ་བྱ་ཚུ་ཡང་སྟོན་གནངམ་ཨིན།

ཕམ་ཚུ་གིས་ ཨ་ལོ་ཚུ་ལུ་ཆུང་ཀུ་བསྒང་ལས་ མེ་དང་ཆུ་ནང་ཤོར་འོང་མནོ་བའི་སྡུག་བསྔལ་ ན་ཚ་ཕོག་འོང་མནོ་བའི་ཚ་གྱངས་ དེ་ལས་ སྦོམ་འགྱོ་བའི་སྐབས་ སློབ་གྲྭ་ནང་བཙུགས་སྟེ་དཀའཝ་བཅདཔ་ཨིན།

དེ་འབདཝ་ལས་ ཕམ་དང་སློབ་དཔོན་འདི་ ང་བཅས་རའི་མི་ཚེ་ནང་ ཁག་ཆེ་ཤོས་དང་བཀའ་དྲིན་ཆེ་ཤོས་ཅིག་ཨིན།

རྡོ་རྗེ་ཉི་མ ༩་ཅ།