Weekly News‎ > ‎

Weekly News Update 15/ 8 / 2015 by 7 A

posted Aug 18, 2015, 11:04 PM by Nima Wangdi   [ updated Aug 18, 2015, 11:08 PM ]

དབྱིན་ཟླ ༨་པའི་ དབྱིན་ཚེས་༨་ རེས་གཟའ་ཉི་མ་ལུ་ ང་བཅས་ ཡི་སྦི་ལབ་རྩ་སློབ་གྲྭ་ནང་ལུ་ ས་ཡོམས་རྐྱབ་པའི་སྐབས་ ཉེན་སྲུང་དང་ལྡནམ་འབད་སྡོད་ཐབས་ལུ་ ས་ཡོམས་ཀྱི་ བྱུང་རྐྱུག་བསྐྱར་སྦྱོང་གི་ ལས་རིམ་ཅིག་ འགོ་འདྲེན་ཐབས་ཡོདཔ་ཨིན།

ལས་རིམ་འདི་ཡང་ སློབ་གྲྭ་ཟླ་ཐོག་དང་འཁྲིལ་ཏེ་ འགོ་འདྲེན་ཐབས་ཡོདཔ་དང་ ལས་རིམ་འདི་གི་ མ་འོངས་པ་ནང་ ས་ཡོམས་ཀྱི་ རྐྱེན་ངན་ངོ་མ་འབད་ འབྱུངམ་ད་ལུ་ སློབ་ཕྲུག་ཚུ་གིས་ སྔ་གོང་ལས་ བཅའ་སྒྲིག་རྐྱབ་སྡོད་ཚུགས་ནི་གི་ དོན་ལུ་ཨིན་མས།

ཕྱོགས་སྡེ་ཁག་གི་བར་ནང་ དྲྭ་རིག་འགྲེན་བསྡུར་ འགོ་འདྲེན་ཐབས་ཡོདཔ།

ཡི་སྦི་ལབ་རྩ་སློབ་གྲྭ་ནང་ལུ་ ཕྱོགས་སྡེ་ཁག་གི་བར་ནང་་ དྲྭ་རི་ག་འགྲེན་བསྡུར་འདི་ སྤྱི་ཚེས་༡༠་ རེ་གཟའ་དམིག་དམར་ལས་ འགོ་བཙུགས་ཡོདཔ་ཨིན། དེ་ནང་ལས་ མཐའ་དཔྱད་འགྲན་བསྡུར་ནང་ལུ་ ལྷོད་མི་འདི་ བུཚ་གི་སྡེ་ཚན་ནང་ལས་ འཇིགས་མེད་

ཕྱོགས་སྡེ་དངགེ་སར་དང་ བུམོ་གི་སྡེ་ཚན་ནང་ལས་འབད་བ་ཅིན་ རྣམ་རྒྱལ་དང་འཇིགས་མེད་གཉིས་ ཨིན་པས་། མཐའ་དཔྱད་འགྲན་བསྡུར་འདི་ཡང་ རེ་གཟའ་དམིག་དམར་ལུ་ འགོ་འདྲེན་ཐབས་ནི་ཨིན་ཟེར་ རྩེད་རིག་གི་ འགོ་འདྲེན་པ་སློབ་སྐལ་བཟང་རྡཽཻ གིས་གསུངསམ་ཨིན་པས།

དབྱིན་ཟླ་འདི་གི་ དབྱིན་ཚེས་༨་ རེ་གཟའ་ཉིམ་ལུ་ སློབ་ཉི་མ་དབང་འདུས་ཀྱིས་ སློབ་ཕྲུག་ཡོངས་ལུ་ ཨིང་སྐད་སླབ་ནི་ ཁག་ཆེ་བའི་སྐོར་ལས་ གསལ་བཤད་ཅིག་གནང་ཡོདཔ་ད་ ལས་རིམ་འདི་ཡང་གཙོ་བོ་ སློབ་ཕྲུག་ཚུ་ ཨིང་སྐད་སླབ་ནི་ལུ་ སྤྲོ་བ་དང་སྦྱང་བ་འབད་བཅུག་ནི་གི་དོན་ལུ་ཨིན་པས། དེ་མ་ཚད་ སློབ་གྲྭ་ནང་ལུ་ ཆོས་ཚན་མང་ཤོས་རང་ ཨིང་སྐད་ནང་ ལྷབ་དགོཔ་ལས་ ཨིང་སྐད་ཤེས་དགོཔ་འདི་ཁག་ཆེ་ཟེར་ གསུངས་གནང་ཡི། ག་དེམ་ཅིག་འབད་ སློབ་ཕྲུག་ཚུ་གིས་ ཨིང་སྐད་འདི་

མ་སླབ་འདྲཝ་ཅིག་འབད་བ་ཅིན་ སློབ་ཕྲུག་ཚུ་ལུ་ ཨིང་སྐད་མ་སླབ་པའི་ངོ་རྟགས་བྱིན་ནི་དང་ཅིག་ཁར་ སློབ་ཕྲུག་འདི་ལུ་ གྲ་སྒྲིག་ མེད་པའི་གསལ་བཤད་གཏང་བཅུག་ནི་ཨིན་པས།
Comments