Weekly News‎ > ‎

weekly news by 10 D

posted Mar 30, 2014, 10:17 PM by Mr Alagesan

མཐའ་འཁོར་གནས་ཚུལ།

༡༽ ཡི་སྦི་ལབ་རྩ་སློབ་གྲྭ་ནང་ལུ་ སློབ་དཔོན་རྡོ་རྗེ་བསམ་གྲུབ་ཀྱིས་ འགོ་འདྲེན་ཐོག་ལུ་ སློབ་གྲྭ་གི་དོན་ལུ་ སྔ་ཕྱི་ཐུན་ཀྱི་

  དཔེ་ཆ་ཅིག་ གསལ་གཏོད་མཛད་གནང་ཡི། སློབ་ཕྲུག་ཚུ་གིས་བཤད་མི་ནང་ ཁོང་ལུ་ཕན་ཐོགས་སྦོམ་འབད་རང་ འབྱུང་

  ནི་མས་ཟེར་ཨིན་མས།                                     

  དེ་ཡང་ཧེ་མ་འབད་བ་ཅིན་ ཐུན་རིམ་པ་བཞིན་དུ་ སྷོག་མ་ཚུགསཔ་ལས་ ཤར་ར་ར་བཏང་ནི་ལུ་ གདོང་ལེན་

  སྦོམ་རང་འབྱུང་ཡོདཔ་ཨིན་རུང་ ད་ལས་ཕར་ ཐུན་དཔེ་ཆ་གསརཔ་ལུ་བརྟེན་ གདོང་ལེན་འདི་ཚུ་སེལ་ཚུགས་པའི་ རེ་བ་

  བསྐྱེདཔ་ཨིན་མས།

༢༽ སློབ་ཁང་གིས་བར་ན་ རྐང་རིལ་ འགྲན་བསྡུར་ཅིག་ཡོད་མི་འདི་གིས་ མཐའ་བཅད་འགྲན་བསྡུར་དེ་ ད་རེས་རྩེད་འགྲེན་

   འབད་ནི་ཨིནམ་མས།

  དེ་ཡང་ མཐའ་བཅད་འགྲན་བསྡུར་འོག་མ་ནང་ སྡེ་ཚན་ཀ་པ་ལས་ སློབ་རིམ་དགུ་པ་ང་སྡེ་དང་ བཅུ་པ་ག་སྡེ་གིས་བར་ན་

  རྩེད་འགྲན་འབད་དེ་ བཅུ་པ་ག་སྡེ་གིས་ གཱོལ་གསུམ་བཙུགས་ཐོག་ལས་ རྒྱལ་ཁ་ཐོབ་སྟེ་མཐའ་བཅད་འགྲན་བསྡུར་ནང་

  ལྷོད་དེ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ སྡེ་ཚན་ཁ་པ་ལས་ སློབ་རིམ་བཅུ་པ་ང་སྡེ་དང་ བཅུ་པ་ཅ་སྡེ་གིས་བར་ན་ རྩོད་འགྲན་

  འབད་ཡོདཔ་ལས་ བཅུ་པ་ང་སྡེ་གིས་ གཱོལ་གཅིག་བཙུགས་ཐོགལས་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་དེ་ཡོདཔ་ཨིན་

  མས། མཐའ་བཅད་འགྲན་བསྡུར་འདི་ ད་རེས་འགོ་འགྲེན་ འཐབ་ནི་ཨིནམ་ད་འབྲེལ་ འདི་ནང་བཅའ་མ་གཏོགས་མི་ སློབ་

  རིམ་བཅུ་པ་ང་སྡེ་དང་ བཅུ་པ་ག་སྡེ་གིས་བར་ན་ བརྩོད་འགྲན་འབད་ནི་ཨིན་མས། དེ་ལུ་རྩེད་རིགས་ཡོངས་དཔོན་པདྨ་ཆོས་

  རྟེན་གྱིས་བཤད་མི་ནང་ དེ་བཟུམ་གྱི་ ལས་རིམ་འགོ་འདྲེན་ཐབས་མི་ཡང་ རྫོང་ཁག་ནང་འཁོད་ནང་ ཡོད་པའི་སློབ་གྲྭ་ཁག་

  གི་བར་ནང་ རྩེད་རིགས་འགོ་འདྲེན་འཐབ་ནི་ཡོད་མི་གི་དོན་ལུ་ གདམ་ཁ་འབད་ནི་དང་ སློབ་ཕྲུག་ཚུའི་རིག་རྩལ་ཡར་དྲག་

  གཏང་ནིའི་དོན་ལུ་ ཨིན་ཟེར་བཤདཔ་ཨིན་མས། 

༣༽ ཕྱོགས་སྡེ་གི་བར་ནང་ རྩོད་བསྡུར་གྱི་ལས་རིམ་འགོ་འདྲེན་འཐབ་ནིཨིནམ།

  ལོ་རྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ རྩོད་བསྡུར་ཀྱི་ལས་རིམ་འདི་ ད་རེས་འགོ་འདྲེན་འཐབ་ནི་ཨིན་མས་ 

Comments