Weekly News‎ > ‎

Saturday Home News by Class IX C 26/4/2014

posted Apr 29, 2014, 9:20 PM by Dorji Samdup   [ updated Apr 29, 2014, 9:21 PM ]

ཨ་ལོའི་གཅེས་སྐྱོང་ཡར་རྒྱས་ལྟེ་བ་ནང་ལུ་གླིང་ཁ་བཟོ་ཡོད།

རེས་གཟའ་ཉི་མ་ སྤྱི་ཟླ་ ༤ པའི་ དབྱིན་ཚེས་ ༡༩ ལས་ ༢༡ ཚུན་ སློབ་གྲྭ་གི་མཐའ་མར་ཡོད་པའི་ ཨ་ལོའི་གཅེས་སྐྱོང་ ཡར་རྒྱས་ལྟེ་བ་གི་རྩེད་ཐངས་འདི་ སྔོན་ལས་བཟོ་སྟེ་ཡོད་རུང་ ཅ་ཆས་མ་ཚངམ་ལས་ ཨ་ལོའི་ཕམ་དང་སློབ་གྲྭའི་བདག་སྐྱོང་ གཉིས་ མཐུན་འབྲེལ་གྱི་ཐོག་ལས་ ཨ་ལོ་ཚུ་ལུ་ རྩེདམོ་རྩེད་ནི་གི་དོན་ལུ་ རྩེད་རིགས་མ་འདྲཝ་ལེ་ཤ་བཙུགས་ཏེ་ཡོདཔ་ཨིན།

རྩེད་ཐངས་བཟོ་དགོ་པའི་དམིགས་ཡུལ་འདི་ ཨ་ལོ་ཚུ་ དབངམོ་མི་ངལ་ནི་གི་དོན་ལུ་ཨིན་ཟེར་བཤད་ཅི།

                 ཡི་སྦི་ལབ་རྩ་ལུ་ཆུ་གི་དཀའ་ངལ།

ཡི་སྦི་ལབ་རྩ་སློབ་གྲྭ་ནང་ལུ་ ཆུ་མ་ལངམ་པའི་དཀའ་ངལ་ལས་བརྟེན་ སློབ་ཕྲུག་ཚུ་གིས་ གོ་ལ་དང་ཐ་ལི་ཚུ་ཡང་ འཁྱུ་

མ་ཚུགས་པར་ཡོདཔ་ལས་ དབྱིན་ཟླ་ ༤ པའི་དབྱིན་ཚེས་ ༡༧ ལུ་ སློབ་དབུ་འཛིན་དང་གསོ་བའི་འགོ་འདྲེན་པ་ སློབ་

ཕུར་པ་གཉིས་ཀྱིས་ འགོ་འདྲེན་ཐོག་ལས་ སློབ་ཕྲུག་དག་པ་ཅིག་འཁྱིད་དེ་ ཆུའི་དཀའ་ངལ་བསལ་ཏེ་ ཧིང་སངས་ས་འབད་

བཟོ་བ་གི་མ་ཚད་ ཆུ་རྫིང་ཡང་སེལ་ཏེ༌ སྦོམ༌བཟོ༌ཞིནམ༌ལས༌ ཆུའི༌དཀའ༌ངལ༌འདི༌ བསལ༌ཚུགས༌ཏེ༌ཡོདཔ༌ཨིན། འདི༌ནང༌ལུ༌

བཅའ༌མར༌གཏོགས༌མི༌སློབ༌ཕྲུག༌ནོར༌བུ༌བཟང༌པོ༌གིས༌སླབ༌དོ༌བཟུམ༌འབད༌བ༌ཅིན༌ ཆུ༌མ༌ལངས༌པའི༌དཀའ༌ངལ༌འདི༌ གཙོ༌བོ༌ར༌

ཡི༌སྦི༌ལབ༌རྩ༌སྨན༌ཁང༌དང༌ མཐའ༌འཁོར༌ཡོད༌མི༌ཚུ༌དང༌བགོ༌བཤའ༌རྐྱབ༌དགོཔ༌ལས༌བརྟེན༌ ཨིན༌མས༌ཟེར༌བཤད༌ཅིག།

དེ༌མ༌ཚད༌ ཉིནམ༌དེ༌ལས༌ཚུར༌ ཆུའི༌དཀའ༌ངལ༌མེདཔ༌ལས༌བརྟེན༌ སློབ༌གྲྭའི༌གསང༌སྤྱོད༌ཚུ༌ཡང༌ ཧིང༌སངས༌ས༌སྦེ༌བཞག༌ནི༌ལུ༌

ཡང༌ཕན༌ཐོགས༌ཅིག༌ཟེར༌བཤད༌ཅིག།

            ཡི་སྦི་ལབ་རྩ་ཡོངས་དཔོན་ཡོངས་ལུ་ ངོ་རྒྱན་གནང་ཡོད།

དབྱིན་ཟླ་ ༤ པའི་དབྱིན་ཚེས་ ༡༩ ལུ་ ཡི་སྦི་ལབ་རྩའི་སློབ་གྲྭའི་ཡོངས་དཔོན་ཚུ་ལུ་ ངོ་རྒྱན་གནངམ་ད་ཅིག་ཁར་ ཡོངས་དཔོན་སོ་སོར་གྱི་ ལཱ་འགན་ཚུ་ག་དེ་སྦེ་ར་འབད་དགོཔ་སྐོར་བཤདཔ་གནངམ་མ་ཚད་ དེ་བཟུམ་མའི་ལས་རིམ་འདི་ མ་གཞི་སློབ་གྲྭ་འགོ་བཙུགས་པའི་སྒང་ལས་ འབད་དགོཔ་ཨིན་རུང་ ངོ་རྒྱན་མེདཔ་ཐལ་མི་ལས་བརྟེན་ འགོ་འདྲེན་འཐབ་

མ་ཚུགས་ཟེར་བཤད་ཅི།

ཡོངས་དཔོན་ཚུ་གིས་ དུས་ཅི་ལོ་གཅིག་གི་རིང་ སློབ་གྲྭ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཕྱི་ཞུ་ནི་ཟེར་བའི་

ཁས་བླངས་འབད་བའི་ཤུལ་ལུ་ ས་ཡིག་དང་ དེ་ལས་སློབ་དཔོན་དང་ཡོངས་དཔོན་ཚུ་ པར་ཅིག་ཁར་བཏབ་སྟེ་སྦེ་ ལས་རིམ་ འདི་ མཇུག་བསྡུ་ཡོདཔ་ཨིན།

           རྫོང་ཁག་རྩེད་རིགས་འགྲན་བསྡུར་གྱི་དོན་ལུ་ ལུས་སྦྱོང་འབད་ནི་ འགོ་བཙུགས་ཡོད།


དུས་ཅི་དབྱིན་ལོ་ ༢༠༡༤ གི་ རྫོང་ཁག་རྩེད་རིགས་འགྲན་བསྡུར་འདི་ ཤུལ་མའི་དབྱིན་ཟླ་ ༥ པའི་དབྱིན་ཚེས་ ༧ ལས་

༩ ཚུན་ ཉིནམ་གསུམ་གྱི་རིང་ལུ་ འགོ་འདྲེན་འཐབ་ནི་ཨིན་མས། དེ་ནང་འབྲེལ་གཏོགས་འབད་མི་འཐུས་མི་ཅིག་ ཡི་སྦི་ལབ་རྩ་

འབྲིང་རིམ་སློབ་གྲྭ་བར་མ་ཡང་ཨིནམ་ལས་ དེ་གི་དོན་ལུ་ ཡི་སྦི་ལབ་རྩ་སློབ་ཕྲུག་ཚུ་ རིག་རྩལ་དང་གཟུགས་ཁམས་སྒྲིང་སྒྲིང་

བཞག་ཐབས་ལུ་ སློབ་གྲྭའི་གཞན་མཉམ་རྩེད་འགྲན་འབད་བའི་སྐབས་ དོ་འགྲན་འབད་ཚུགས་ནི་དོན་ལུ་ སློབ་དབུ་འཛིན་འོགམ་

ལས་སྐྱིད་ཚེ་རིང་གིས་འགོ་འདྲེན་ཐོག་ལས་ དྲོ་པ་ཨ་རྟག་རང་ ལུས་སྦྱོང་དང་བང་རྒྱུག་ གཞན་རིག་རྩལ་ཚུ་ཡང་སྦྱང་བ་འབད་དོ་

ཡོདཔ་ཨིན་པས། 

ལུས་སྦྱོང་ནང་བཅའ་མར་གཏོགས་མི་ ཚེ་རིང་དབང་ཕྱུག་གིས་བཤད་མི་ནང་ ཁོ་ཡང་དེ་བཟུམ་མའི་ ལུས་སྦྱོང་ནང་བཅའ་མ་

གཏོགས་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་བཤད་ཅི། དེ་མ་ཚད་ གཟུགས་ཁམས་སྒྲིང་སྒྲིང་བཞག་ནི་དང་ སློབ་གྲྭའི་

གཞན་དང་མཉམ་དོ་འགྲན་འབད་བའི་སྐབས་ ཕན་ཐོགས་སྦོམ་འབད་ར་འབྱུང་ནི་མས་ཟེར་བཤད་ཅི།

                  འཛམ་གླིང་ཚད་པའི་ཉིནམ་བརྩི་སྲུང་ཞུ་ཡོད།

ཁ་ཙ་ འཛམ་གླིང་ཚད་པའི་ཉིནམ་དང་འབྲེལ་ ཡི་སྦི་ལབ་རྩ་སློབ་གྲྭ་ནང་ ཉིནམ་འདི་ བརྩི་སྲུང་ཞུ་ནི་དོན་ལུ་ གསོ་བའི་

འགོ་འདྲེན་པ་ སློབ་ཕུར་པ་དང་སློབ་ཤཱན་ཏི་རམ་གཉིས་ཀྱིས་ཐོག་ལས་ བརྩི་སྲུང་ཞུ་ཡོད། ཚད་པའི་ནད་འདི་ ག་ཅི་ལས་བརྟེན་

ཐོབ་ཨིན་ན་ འཐོབ་ཞིནམ་ལས་རྟགས་མཚན་ག་ཅི་ར་སྟོནམ་ཨིན་ན་དང་ དེ་ལས་ ག་ཅི་རང་འབད་དགོཔ་ཨིན་ན་ཚུ་གི་སྐོར་ལས་

སྤྱན་ཞུ་འབད་ཡོདཔ་ལས་ སློབ་གྲྭའི་སློབ་དཔོན་དང་སློབ་ཕྲུག་ཚུ་གིས་ ནད་འདི་གི་སྐོར་ལས་ ཧིང་སངས་ས་སྦེ་ཧ་གོ་ཡི་ཟེར་

བཤད་ཅི།

དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་དགོ་མི་འདི་ གཙོ་བོ་ནད་ཀྱི་སྐོར་ལས་ཧ་གོ་སྟེ་ ལག་ལེན་འཐབ་ནི་དོན་ལུ་དང་ སློབ་ཕྲུག་ཨ་ལོ་ཚུ་ དཔེ་མཚམས་ངལ་གསོ་སྐབས་ལུ་གཡུས་ཁ་ལྷོདཔ་ད་ རང་གི་གཉེན་ཉེཝ་དང་ཁྱིམ་ཚང་ཚུ་ལུ་ གོ་བརྡ་

སྤྲོད་ཚུགས་ནི་ལུ་ཡང་ཕན་ཐོགས་སྦོམ་འབད་རང་འབྱུང་ནི་མས་ཟེར་བཤད་ཅི།

Comments