Weekly News‎ > ‎

Saturday News 10C- October 19, 2013

posted Oct 24, 2013, 11:48 PM by Sangay Dorji

གནས་ཚུལ།

༉ ཡི་སྦི་ལབ་རྩ་འབྲིང་རིམ་སློབ་གྲྭ་བར་མ་ནང་ལུ་ ཟླཝ་དག་པ་ཅིག་གི་ཧེ་མ་ལས་རང་ ཨ་ལོ་ཡར་རྒྱས་གཅེས་སྐྱོང་སྟེ་བ་ཅིག་ བསྒྲུགབས་ཏེ་ཡོད་མི་འདི་ རྫོང་ཁག་གིས་ཁ་ཐུག་ལས་ ཆ་འཇོག་བསྒྲུབས་སྟེ་ ཁ་ཙ་རྫོང་ཁག་ཤེས་རིག་འགོ་དཔེན་འོག་མ་གིས་ སློབ་གྲའི་བདག་སྐྱོང་ལུ་ བརྒྱུད་འཕྲིན་གྱི་ཐོག་ལས་ བརྡ་སྤྲོདཔ་ཡོདཔ་ཨིན་མས།

གཞན་དལ་ཞི་ ཨ་ལོ་ཡར་རྒྱས་གཅེས་སྐྱོང་སྟེ་བ་བཟོ་ནི་གི་ ཟད་འགྲོ་འདི་ཚུ་རང་སོའི་སློབ་གྲྭ་དང་ ཨ་ལོའི་ཕམ་ཚུ་གིས་སྦེ་གཏང་དོགཔ་ཨིན་རུང་ རྫོང་ཁག་གིས་ཁ་ཐུག་ལས་ ཆ་འཇོག་བསྒྲུབས་ལས་ མ་དངུལ་གློགས་རམ་ཚུ་ཡང་ རྫོང་ཁག་གིས་ཁ་ཐུག་ལས་གནང་ཡོདཔ་ཨིན་མས།

མ་གཞི་འདི་བཟུམ་མའི་ཨ་ལོ་ཡར་རྒྱས་གཅེས་སྐྱོང་ལྟེ་བ་འདི་ འགོ་བཙུགས་དགོ་མི་འདི་ ཞིབ་འཚོལ་པ་མཁས་མཇོག་ཚུ་གིས་ ཁ་ཐུག་ལས་ཡང་ ཨ་ལོ་ལོ་ན་༣ ཡན་ཆད་ སྦེ་མི་ཚུ་ལུ་ ད་ལྟོ་ལས་རང་ གཞི་འགྱམ་བཙུགས་པ་ཅིན་ མ་འོངས་པ་ནང་ལུ་ ཨ་ལོའི་རྒྱུད་ལུ་ ཡོན་ཏན་གོང་འཕེལ་སྦོམ་སྦེ་རང་འགྱོ་འོང་ཟེར་ཨིན་པས།

འདི་བཟུམ་མའི་ལྟེ་བ་འགོ་འདྲེན་ཐབས་སྟེ་ ཆ་འཇོག་བསྒྲུབས་མི་འདི་ལུ་ སློབ་གྲྭའི་བདག་སྐྱོང་དང་ ཡི་སྦི་བཟའ་ཚང་གེ་ར་ལུ་ དཔའ་ཉམས་བྱུང་དགོཔ་ཅིག་ཨིན་པས་ཟེར་ སློབ་གྲྭའི་གབུ་འཛིན་གྱིས་ང་བཅས་རྒྱང་གྲགས་ལུ་བཤད་ཅིག

གཅེས་སྐྱོང་ལྟེ་བ་འདི་གིས་ སློབ་གྲྭ་དང་ སྨན་ཁང་ནང་ལུ་ཕྱག་ལཱ་མཛད་མིའི་ཕམ་འདི་ཚུ་ལུ་ ཕན་སྦོམ་སྦེ་རང་ཐོག་ཚུགས་ནི་མ

 

དབྱིན་ཟླ་༡༠པའི་དབྱིན་ཚེས་༡༥ རེ་གཟའ་ལྷག་པ་ལུ་ འཛམ་གླིང་ལགཔ་ཆུ་འཁྱུ་ནི་གི་ཉིནམ་འབད་རྩིས་སྲུང་ཞུཝ་ཡོདཔ་ཨིན། ཡི་སྦི་སློབ་གྲྭ་ནང་ལུ་ཡང་ གསོ་བའི་སློབ་དཔོན་ ཕུར་པ་གིས་འགོ་འདྲེན་འཐབ་ཐོག་ལས་ ཉིནམ་འདི་རྩིས་སྲུང་ཞུ་ཡོདཔ་ཨིན། དེ་སྦེ་རྩིས་སྲུང་ཞུ་དགོ་མི་འདི་ཡང་ རང་གི་གཟུགས་ལུ་ ནད་གཞི་འཁོར་མ་བཅུག་པར་ གཟུགས་ཁམས་དགའ་ཏོག་ཏོ་འབད་བཞག་ཐབས་ཀྱི་དོན་ལུ་ཨིན་ཟེར་བཤད་ཅིག

Comments