Weekly News‎ > ‎

Saturday News 10A- October 5, 2013

posted Oct 9, 2013, 3:29 AM by Sonam Leki

            ཡི་སྦི་སྨན་ཁང་ནང་ལུ་འབད་ ཁུར་གྱི་འགྲན་བསྡུར་འབད་ཡོད།

10A
དབྱིན་ཚེས་ ༢༩//༢༠༡༣ གཟའ་ཟླ་བའི་ཚེ་ ཡི་སྦི་སྨན་ཁང་ས་ཁོངས་འབད་ ཁུ་རུ་གི་འགྲན་བསྡུར་འབད་ཡོད། དེ་ཡང་ཡི་སྦི་སྨན་ཁའི་ སྨན་པ་ཚུ་དང་ཚངས་ལ་གྱོང་གཉིས་ཀྱི་བར་ན་ རྩེད་འགྲན་འབད་ཡི། དེའི་སྐབས་ལུ་ ཡི་སྦི་སྨན་པ་ཚུ་གི་ རྒྱལ་ཁ་ཐོབ་ཡོདཔ་ཨིན་མས།

ལས་རིམ་དེ་བཟུམ་འགོ་འདྲེན་འཐབ་དགོ་མི་ དམིགས་ཡུལ་ངོ་མ་ར་ ང་བཅས་རའི་དཔལ་ལྡན་འབྲུག་པའི་ ལམ་ལུགས་སྲོལ་ཚུ་མར་

ཉམས་འགྱོ་མི་བཅུག་ནི་དོན་ལུ་དང་ ཕན་ཚུན་གཉིས་ཀྱི་བར་ན་མཐུན་ལམ་ཡར་རྒྱས་གཏང་ནི་དོན་ལུ་དམིགས་ཡུལ་བསྐྱེད་དེ་ ལས་རིམ་འདི་

འགོ་འདྲེན་འཐབ་ཅི་ཟེར་ འགོ་འདྲེན་པ་བཀྲ་ཤིས་ཆོས་འཕེལ་གྱི་བཤདཔ་ཨིན་པའི་གནས་ཚུལ།

 

            ལོ་ལྟར་སློབ་རིམ་བཅུ་པའི་བརྟག་དཔྱད་ཆོས་རྒྱུགས་འགོ་བཙུགས་ཡོད།

དེ་ཡང་ སློབ་རིམ་བཅུ་པའི་བརྟག་དཔྱད་ཆོས་རྒྱུགས་ཀྱི་དོན་ལས་ གློག་རིག་ཀམ་པིའུ་ར་སྦྱོང་ལཱ་རེས་གཟའ་སྤེན་པ་དབྱིན་ཟླ་༡༠པའི་

ཚེས་༤ ལུ་འབད་ཡོདཔ་ཨིན་པས། དེ་ཡང་ དང་པ་ ཁོང་སློབ་ཕྲུག་ཨ་ལོ་ཚུ་གི་ གཞུང་གི་ཆོས་རྒྱུགས་ཀྱི་དོན་ལུ་སྦྱང་བ་ག་དེམ་ཅིག་

འབད་ཡི་ག་བལྟ་ནི། གཉིས་པ་ ཁོང་སློབ་ཕྲུག་ཚུ་ གཞུང་གི་ཆོས་རྒྱུགས་ཀྱི་དོན་ལུ་ སྦྱང་བ་བཟུམ་ཅིག་འབད་ཨིན་པས། དེ་ལས་ རེས་གཟའ་མིག་དམར་ལས་ བརྟག་དཔྱད་ཆོས་རྒྱུགས་འགོ་བཙུགས་ཏེ་ གཟའ་ཉི་མ་ལུ་འབད་མཇུག་བསྡུ་ནི་ཨིན་པའི་གནས་ཚུལ། 

    

       སློབ་དབུ་འཛིན་གྱི་གཙོས་པའི་སློབ་གྲྭའི་བཟའ་སྤྱོད་མཐུས་མི་མཉམ་ཞལ་འཛོམས་ཚོགས་ཡོད།

དབྱིན་ཟླ་ པའི་དབྱིན་ཚེས་༣༠ ལུ་ ཡི་སྦི་ལབ་རྩ་ སློབ་གྲྭ་ནང་ལུ་ སློབ་དབུ་འཛིན་དང་བཟའ་སྤྱོད་མཐུས་མི་མཉམ་ཞལ་འཛོམས་

གནང་ཡོདཔ་ཨིན་པས། ཞལ་འཛོམས་འདི་ནང་ལུ་གསུང་གྲོས་ཁག་ཆེ་ཏོག་ཏོ་ ལེ་ཤ་གསུངས་ཡོད་པའི་ནང་ལས་ གཙོ་བོ་ར་ སློབ་ཕྲུག་

ཚུ་གི་ཟླ་རིམ་ལྟོ་ཕོ་ཐོབ་ལམ་གྱི་སྐོར་ལས་ཨིན་མས། དེ་ལས་ སློབ་ཕྲུག་ཚུ་གི་དོན་ལུ་ བསམ་འཆར་འབྲི་དེབ་ཅིག་ཡང་དགོཔ་འདུག་ཟེར་

ཨིན་པས། ཧེ་མ་ཡོད་པའི་ཟས་ཐོ་ལུ་ བསྒྱུར་བཅོས་དུམ་གྲ་ཅིག་འབད་ཡོདཔ་ཨིན་མས། སློབ་དབུ་འཛིན་གྱིས་གསུངས་དོ་བཟུམ་འབད་བ་

ཅིན་ དེ་གི་མ་འོངས་པ་ནང་ལུ་ དབུ་འཛིན་གྱི་ཞལ་འཛོམས་ནང་ལུ་ སྙན་ཞུ་འབད་ནིའི་དོན་ལུ་ཨིན་ཟེར་བའི་ཨིན་པའི་གནས་ཚུལ།

         ལུང་ཕྱོགས་ཀྱི་འགྲན་བསྡུར་བུ་ལི་འབྲིང་རིམ་སློབ་གྲྭ་བར་ནང་ལུ་འབད་འགོ་འདྲེན་འཐབ་ནི་ཨིན་མས།

ལོ་ཨ་རྟག་ར་འབད་སྲོལ་ཡོད་པའི་ ལུང་ཕྱོགས་ཀྱི་འགྲན་བསྡུར་ དུས་ཅི་དབྱིན་ཟླ་༡༠ པའི་ ཚེས་༧ ལས་དབྱིན་ཚེས་ ཚུན་ ཉིན་གྲངས་གསུམ་གྱི་རིང་བུ་ལི་འབྲིང་རིམ་སློབ་གྲྭ་བར་མ་ནང་ལུ་ འགོ་འདྲེན་འཐབ་ནི་ཨིན་མས། དེ་ནང་ལུ་ ང་བཅས་སློབ་གྲྭ་

ནང་ལས་ཡང་བུམོ་གི་རྐང་རྩེད་དང་ བུཚ་གི་ལག་རིལ་རྩེདམོ་ དེ་ལས་སློབ་རིམ་དགུ་པ་ནང་ལས་ ཀུན་བཟང་སྒྲོལ་མ་གི་ སྒྲོ་རིལ་གྱི་

རྩེདམོ་ནང་ལུ་བཅའ་མར་གཏོགས་ནི་ཨིན་མས། ལུང་ཕྱོགས་ཀྱི་འགྲན་བསྡུར་འདི་ནང་ལུ་ བཅའ་མར་གཏོགས་མི་མང་ཤོས་རང་ སློབ་རིམ་

བཅུ་པ་ཡོདཔ་ཨིན་པས། དེ་འབདཝ་ད་ ལུང་ཕྱོགས་ཀྱི་འགྲན་བསྡུར་ནང་ སློབ་རིམ་བཅུ་པའི་རྩེད་འགྲན་པ་ཚུ་ བརྟག་དཔྱད་ཆོས་རྒྱུགས་

ཁ་ཐུག་ཕོགཔ་ལས་བརྟེན་ འགྱོ་མི་ཚུགས་འོང་ཟེར་སློབ་གྲྭའི་དབུ་འཛིན་གྱིས་བཤད་ཅི། ཁོང་བཅའ་མར་གཏོགས་མི་ཚུ་ ནངས་པ་གཟའ་ཟླཝ་

ལུ་ བུ་ལི་ལུ་འགྱོ་ནི་ཨིན་པའི་གནས་ཚུལ།

 

Comments