Weekly News‎ > ‎

Saturday News (06/04/2013) By 10 B

posted Apr 7, 2013, 10:46 PM by Sonam Leki   [ updated Apr 7, 2013, 10:58 PM ]

  ཁ་ཙ་ཁ་ཉིནམ་ གཟའ་ཉིམ་ལུ་ ཡི་སྦི་ལབ་རྩ་སློབ་གྲྭ་ནང་  ཕོ་དང་མོ་གཉིས་ཀྱི་བར་ན་ དབྱེ་བ་ཡོདཔ་དང་ མེདཔ་ཀྱི་ སྐོར་ལས་ ཕྱོགས་སྡེ་བཞི་

གི་བར་ན་ རྩོད་བསྡུར་ཅིག་འབད་ཡོདཔ་ཨིན།  རྩོད་བསྡུར་ འདི་ནང་ལུ་ དབང་ཕྱུག་ ཕྱོགས་སྡེ་གིས་ སྐུགས་ ༧༨ ཐོབ་འདི་ ཨང་དང་པ་  དང་

 གེ་གསར་ ཕྱོགས་སྡེ་གིས་ སྐུགས་  ༧༢  ཐོབ་འདི་ཨང་ གཉིས་པ་ དེ་ལས་ རྣམ་རྒྱལ་ཕྱོགས་སྡེ་གིས་ སྐུགས་ ༧༡ ཐོབ་འདི་ ཨང་གསུམ་པ་

དང་ འཇིགས་མེད་ ཕྱོགས་སྡེ་གིས་ སྐུགས་ ༧༠་༣  ཐོབ་འདི་ཨང་ བཞི་པ་ཐོབ་ནུག   རྩོད་བསྡུར་ འདི་ནང་ལས་ ལས་སྐྱིད་དབང་ཕྱུག་ གིས་ སྐུགས

༧༤ ཐོབ་འདི་ གསལ་བཤད་པ་ ཕོ་དྲག་ཤོས་དང་ ཕུརཔ་སྒྲོལ་མ་གིས་ སྐུགས་ ༧༧ ཐོབ་འདི་ མོ་དྲག་ཤོས་ཀྱི་ མིང་གཏམ་ཚུ་ཡང་ ཐོབ་ནུག    བུ་

ལས་སྐྱིད་དབང་ཕྱུག་གིས་ ང་བཅས་ཡི་སྦི་ རྒྱང་བསྒྲགས་ལུ་ བཤད་མི་ནང་ ཁོ་གིས་ གསལ་བཤད་པ་ དྲག་ཤོས་ཐོབ་མི་ལུ་ཁོ་གི་སེམས་ཁ་ལུ་དཔའ་

ཉམས་དང་ ཤུལ་ལས་ཡང་ འདི་བཟུམ་མའི་ལས་རིམ་ནང་ བཅའ་མར་གཏོགས་ནི་གི་ བློ་སྟོབས་སྦོམ་སྦེ་རང་ཐོབ་ཅི་ཟེར་བཤད་ཅི།   ཡི་སྦི་ལབ་རྩ་ལས་

ངོ་མིང་ འཇམ་དབྱངས་ལྷ་མོ་ གིས་ཡི་སྦི་རྒྱང་བསྒྲགས་ལུ་ གནས་ཚུལ་བསྡུ་ལེན་འབདལྦ་ཨིན།།

                                                                   བསོད་ནམས་སྟོབས་གྱས།

 

 

  དབྱིན་ཟླ་ ༣ པའི་དབྱིན་ཚེས་ ༢༢ ལུ་ཡི་སྦི་ལབ་རྩ་ སློབ་གྲྭ་ནང་ལུ་སྦེ་ སློབ་སྡེ་ ཁག་གི་བར་ན་ རྐང་རྩེད་ཕུཏྲ་བོལ་གྱི་འགྲན་བསྡུར་ཅིག་

འགོ་འདྲེན་འཐབ་མི་འདི་ དབྱིན་ཟླ་ ༤ པའི་དབྱིན་ཚེས་ ༢ ལུ་མཇུག་བསྡུ་ཡོདཔ་ཨིན་མས།  འདི་ཡང་མཐའ་བཅད་འགྲན་བསྡུར་ནང་ སློབ་རིམ་དགུ་པ་ ག་

དང་བཅུ་པ་ ག་ གཉིས་ཀྱི་བར་ནང་ རྩེད་འགྲན་འབད་ཡོདཔ་ད་  སློབ་རིམ་ ༩  པ་ག་གིས་གོལ་ ༡  དང་བཅུ་པ་ག་གིས་གོལ་ ༢ བཙུགས་འདི་

རྒྱལ་ཁ་ཐོབ་ཡོདཔ་ཨིན་མས།  ཨང་དང་པ་ཐོབ་མི་ལུ་ དངུལ་རྐྱང་གི་ གསོལ་རས་ ༡༧༠༠  དང་ཨང་གཉིས་པ་ལུ་  ༡༣༠༠  གནང་ཡོདཔ་

མ་ཚད་  སློབ་རིམ་བཅུ་པའི་ སློབ་ཕྲུག་ཚུ་གིས་ བཤད་མི་ནང་  ཨང་དང་པ་ཁོང་གིས་ ཐོབ་འདི་སེམས་དགའ་ཡོདཔ་མ་ཚད་  དོ་རུང་འགྲན་བསྡུར་

ག་ཅིག་བཟུམ་རང་ ཡོད་རུང་ཨང་དང་པ་ ཐོབ་ཚུགས་པའི་རེ་ཡོད་ཟེར་བཤད་ཅིག།

                                                          ཕན་ལྡན་ནོར་བུ།

 

  འདས་པའི་རེ་གཟའ་ ཕུར་པ་ལུ་མཐུན་མཚན་དྲུག་པ་ མཇུག་བསྡུ་ཞིནམ་ལས་ ཡི་སྦི་སློབ་གྲྭའི་སློབ་དཔོན་ཚུ་ཞལ་འཛོམས་ཅིག་ཚོགས་ཡོདཔ་ཨིན་

མས།  དེ་ཡང་གཟའ་ཕུར་པ་གི་ཉིནམ་འདི་ འཚོག་ཕྲན་གྱི་ཉིནམ་ཨིན་རུང་  སློབ་དཔོན་ཚུ་ཞལ་འཛོམས་ཡོདཔ་ལས་བརྟེན་ འཚོག་ཕྲན་གྱི་ཉིནམ་དེ་

གཟའ་པ་སངས་ལུ་ ཕར་འགྱངས་འབད་ཡོདཔ་ཨིན།  ཞལ་འཛོམས་ཚོགས་དགོ་པའི་ གནད་དོན་དེ་ཡང་ ལོ་ལྟར་སློབ་གྲྭའི་ རིམ་འགྲོ་གི་སྐོར་ལས་དང་

རྩོམ་རིག་དང་ལན་ ཟེར་ཨིང་སྐད་ནང་ལས་འབད་བ་ཅིན་  literary  action  གི་སྐོར་ལས་ཨིན་མས།  མ་ཞི་སློབ་གྲྭའི་རིམ་འགྲོ་འདི་ དབྱིན་

ཟླ་    པའི་དབྱིན་ཚེས་  ༢༠  ལུ་གནང་ནི་འབད་བཞག་ཡོདཔ་ཨིན་རུང་  གནམ་ལོ་  ༢༠༡༣  གྱི་བཙག་འཐུ་གིས་སྟབས་མ་བདེལྦ་ལས་བརྟེན་

དབྱིན་ཟླ་འདི་གི་ དབྱིན་ཚེས་  ༡༠ རེ་གཟའ་ཕུར་བ་ལུ་གནང་ནི་འབད་གྲོས་ འཐག་བཅད་གནང་ཡོདཔ་ཨིན་མས།

                                                                   ཀརྨ་གཡུ་སྒྲོན།

 

  དབྱིན་ཟླ་འདི་གི་ དབྱིན་ཚེས་    གི་དྲོ་པ་བརྟན་ཞུའི་ཐང་ནང་ལུ་  སློབ་དབུ་འཛིན་གྱིས་ཡི་སྦི་ལབ་རྩ་བཟའ་ཚང་གེ་ར་  ཁ་སྐད་ཨིང་སྐད་དང་

རྫོང་ཁ་བསླབ་དགོཔ་འབད་གསུང་བཤད་གནང་ཡོདཔ་ཨིན།   དེ་ཡང་བདུན་ཕྲག་གཅིག་ཨིང་སྐད་དང་  བདུན་ཕྲག་གཅིག་རྫོང་ཁ་བསླབ་དགོཔ་སྦེ་

གསུང་ཡི།  དེ་བཟུམ་མའི་ལས་རིམ་བཟོ་དགོ་པའི་ དམིགས་ཡུལ་གཙོ་བོ་རང་ ང་བཅས་སློབ་ཕྲུག་ཚུ་གིས་ ཁ་སྐད་གཉིས་ཆ་རང་ཡར་རྒྱས་གཏང་

ནི་དོན་ལུ་ཨིན་ཟེར་གསུང་ཡི།  དེ་ཡང་སློབ་ཕྲུག་ཚུ་རྐྱངམ་ཅིག་མེན་པར་  སློབ་དཔོན་ཚུ་གིས་ཡང་  ཨིང་སྐད་ཀྱི་བདུན་ཕྲག་ནང་ ཨིང་སྐད་དང་  རྫོང་ཁའི་བདུན་ཕྲག་ནང་  རྫོང་ཁ་རང་བསླབ་ནི་སྦེ་གྲོས་འཐག་བཅད་གནང་ཡོདཔ་ཨིན། 

                                                                                    ཀརྨ་དབྱང་ཅན།