Weekly News‎ > ‎

བདུན་ཕྲག་གི་གནས་ཚུལ། སློབ་རིམ་བཅུ་པ་ ཀ་སྡེ།

posted Sep 14, 2015, 12:27 AM by Dorji Samdrup   [ updated Sep 14, 2015, 12:33 AM ]

               ཏིང་ཏིང་སྦི་ལུ་ སྣུམ་འཁོར་ཐུག་རྐྱེན་བྱུང་ཡོདཔ།

གཟའ་ཉིམ་གྱི་ཕྱི་རུ་ ཆུ་ཚོད་ ༡༠ དེ་ཅི་ཁར་ ཏིང་ཏིང་སྦིས་ སྒོ་སྲུང་ཟམ་གྱི་མཐའ་མར་ སྣུམ་འཁོར་ ཀྲི་པཱར་ཀྲག་གཅིག་ རྦོབ་རིལ་འགྱོ་སྟེ་ ཡོདཔ་ཨིན་མས། སྣུམ་འཁོར་འདི་ 

རྦོབ་རིལ་འགྱོ་དགོ་པའི་ གནད་དོན་དེ་ཡང་ སྣུམ་འཁོར་གྱི་དེད་གཡོགཔ་འདི་ ཆང་གི་ར་བཟི་སྟེ་ སྣུམ་འཁོར་གཏང་ནིའི་ རང་དབང་མེད་པར་ ལམ་འགྲུལ་འབད་བའི་སྐབས་ རྐྱེན་ངན་འདི་ 

འབྱུང་ཡོད་པ་ཨིན་མས། དེད་གཡོགཔ་དེ་གི་གཟུགས་ལུ་ རྨ་བཏོན་ཁྲག་བཏོན་ཚུ་མ་འབྱུང་པས་ཟེར་ ཏིང་ཏིང་སྦི་ཁྲིམས་སྲུང་འགག་པ་གི་ བཤད་ཡོདཔ་ཨིན་པས།

            

                    ཡི་སྦི་ལབ་རྩ་སློབ་གྲྭ་ནང་ རྩོམ་རིག་གི་ཉིནམ་ བརྩི་སྲུང་འབད་ཡོདཔ།

སྤྱི་ཟླ་ ༩ པའི་ཚེས་ ༨ ལུ་ ཡི་སྦི་སློབ་གྲྭྭ་ནང་ རྩོམ་རིག་གི་ཉིནམ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དུས་སྟོན་དེ་ རྒྱལ་སྤྱི་རྩོམ་རིག་གི་ ཉིནམ་དང་འབྲེལ་ བརྩི་སྲུང་འབད་

ཡོདཔ། ཡི་སྦི་སློབ་གྲྭ་ནང་ སྤྱི་ཚེས་ ༡ ལས ༨ ཚུན་ ལྷག་ནིའི་ལས་རིམ་འགོ་འདྲེན་འཐབ་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་གིས་དོན་ལུ་ གལ་ཅན་ཅིག་ལུ་གྱུར་ཡོད་མི་ དེ་ཡང་ ཁོང་གི་

རྒྱུད་ལུ་ཡོད་པའི་ རིག་རྩལ་དང་ ཁྱད་རིག་གོང་འཕེལ་གཏང་ནིའི་ གོ་སྐབས་ཅིག་ཨིན་པས། སྤྱི་ཚེས་ ༡ ལས་ ༧ ཚུན་ ཐུན་ཚན་ ༦ པ་མཇུག་བསྡུཝ་ད་ དུས་ཡུན་སྐར་མ་ ༣༠ རེ་

བཞག་ཡོདཔ་ཨིན། སྤྱི་ཚེས་ ༨ ལུ་ སློབ་ཁང་ཁག་གི་བར་ན་ ལྷག་ནི་གི་འགྲན་བསྡུར་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་མས། སློབ་རིམ་བཅུ་པ་ཀ་སྡེ་ལས་ ཏོ་ཡ་རམ་གྱི་ སླབ་མི་

ནང་ ཁོ་གི་འགྲན་བསྡུར་ནང་ བཅའ་མར་གཏོགས་ཏེ་ གནམ་མེད་ས་མེད་སེམས་དགའ་བ་འབྱུངམ་མ་ཚད་ལྷག་ནིའི་རིག་རྩལ་ཚུ་ཡང་ཐོབ་ཅི་ཟེར་བཤད་ཅི།

དེ་བཟུམ་འགོ་འདྲེན་འཐབ་དགོ་པའི་ གནད་དོན་དེ་ཡང་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ལྷག་ནིའི་རིག་རྩལ་ཡར་དྲག་གཏང་ཐབས་ཀྱི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ དུས་སྟོན་བརྩི་སྲུང་དེ་ 

དུས་ཅི་ མི་དབང་འབྲུག་རྒྱལ་༤ པ་མཆོག་ དགུང་ལོ་༦༠ བཞེས་བའི་འཁྲུངས་སྟོན་བརྩི་སྲུང་ཞུ་ནིའི་དོན་ལུ་ཨིན་པས།


ཡི་སྦི་སློབ་གྲྭ་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ ན་གཞོན་ཚུ་ལུ་ ན་གཞོན་དང་ལྡན་པའི་ སྤྱི་ཚོགས་ཟེར་འགོ་འདྲེན་འཐབ་ཡོད།

དུས་ཅི་ བཙག་འཐུ་ལྷན་ཚོགས་ཀྱིས་ ན་གཞོན་ཚུ་ལུ་ཡང་ ན་གཞོན་དང་ལྡན་པའི་ སྤྱི་ཚོགས་ཟེར་ཡི་སྦི་ལབ་རྩ་སློབ་གྲྭ་ནང་འགོ་འདྲེན་འཐབ་ཡོད། དེ་ཡང་ རྒྱལ་ཡོངས་ཚོགས་འདུ་དང་རྒྱལ་ཡོངས་ཚོགས་སྡེ་ཟེར་ དབྱེ་བ་གཉིས་ཡོདཔ་ཨིན་མས། རྒྱལ་ཡོངས་ཚོགས་འདུ་གི་དོན་ལུ་ ན་གཞོན་ཡོངས་བསྡོམས་ ༤༧ དང་ ཚོགས་སྡེ་ ༢༥ དགོཔ་ཨིན་མས།

བཙག་འཐུ་གྲུབ་མི་ ན་གཞོན་ཚུ་ གནམ་དགུན་གྱི་ངལ་གསོ་སྐབས་ གོ་བསྡུར་འབད་ནི་ཨིན་མས། གཞལམ་སྒང་རྫོང་ཁག་ནང་ལུ་ཡང་ དམངས་གཙོའི་ཚོགས་ཕྲན་གསུམ་ཡོད་སའི་

ནང་ལས་ ཡི་སྦི་ལབ་རྩ་འབྲིང་རིམ་སློབ་གྲྭ་བར་མ་ གོང་ཕུག་སློབ་གྲྭ་འོག་མ་གཉིས་ བར་དོ་ ཀྲོང་རྒེད་འོག་གི་ འདེམས་ངོ་ནང་ཚུདཔ་ཨིན་མས། ཡི་སྦི་སློབ་གྲྭ་ནང་ལས་ བསོད་ནམས་ནོར་འཛིན་དང་སངས་རྒྱས་པ་སངས་གཉིས་ཀྱི་ བཅའ་མར་གཏོགས་ནི་ཨིན་མས། ཁོང་གཉིས་ བཙག་འཐུ་འདི་གྲུབ་པ་ཅིན་ གནམ་དགུན་གྱི་ ངལ་གསོའི་སྐབས་ ཐིམ་ཕུ་ལུ་འགྱོ་ནི་གི་ གོ་སྐབས་འདུག་ཟེར་ སངས་རྒྱས་པ་སངས་ཀྱི་བཤདཔ་ཨིན་མས།

Comments