ལོ་ཕྱེད་ཆོས་རྒྱུགས་ཀྱི་གྲུབ་འབྲས་འདི་ གསལ་བསྒྲགས་འབད་ཡོད། ༉ རེས་གཟའ་ཉི་མ་ དབྱིན་ཟླ་ ༧ པའི་ དབྱིན་ཚེས་༢༦ ལུ་ ལལོ་ཕྱེད་ཀྱི་ཆོས་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་འབད་ ཡོད། དེ་བསྒང་ སློབ་དབུ་འཛིན་གྱིས་ ཉིནམ་འདི་གི་སྐོར་ལས་ རིམ་པ་བཞིན་དུ་གསུངས་ཡོད། དེའི་སྐབས་ སློབ་ཕྲུག་གི་ཕམ་ ཚུ་ཡང་ འབྱོན་ཡོདཔ་ཨིན། ཆོས་རྒྱུགས་ཀྱི་དྲུང་ཆེན་སློབ་རྡོ་རྗེ་བསམ་གྲུབ་ཀྱིས་ སློབ་ཁང་ནང་ལས་ ཨང་དང་པ་དང་གཉིས་པ་ གསུམ་པ་ག་གི་ར་ ཐོབ་ཅི་ག་ དེ་ཚུ་གི་སྐོར་ལས་གསལ་བསྒྲགས་འབད་ཡོད། དེ་སྐབས་ སློབ་ཁང་རེ་རེ་གི་གྲུབ་འབྲས་གསལ་བསྒྲགས་འབད་བའི་སྐབས་ སློབ་ རིམ་༡༠ པའི་ ཅ་སྡེ་ནང་ལས་ ཟླ་བ་རྣམ་རྒྱལ་གྱི་ བརྒྱ་ཆ་ ༨༩.༥ ཐོབ་སྟེ་ སློབ་རིམ་བཅུ་པའི་གྲས་ལས་ཨང་དང་པ་ཐོབ་ཡོད། དེ་བཟུམ་སྦེ་ སློབ་རིམ་དགུ་པ་ནང་ལས་ པཱར་ནི་ཏ་ གི་བརྒྱ་ཆ་ ༨༩.༥ ཐོབ་སྟེ་ ཨང་དང་པ་ཐོབ་ཡོད། སློབ་རིམ་བརྒྱད་པའི་ནང་ ལས་ རཱཏ་ན་སྦ་དུར་མོང་སྒར་གྱི་ བརྒྱ་ཆ་ ༨༢.༧ ཐོབ་ཡོད། སློབ་རིམ་བདུན་པ་ནང་ལས་ ཉི་མ་རྡོ་རྗེ་གི་ བརྒྱ་ཆ་ ༧༧.༢ ཐོབ་ སྟེ་ ཨང་དང་པ་ཐོབ་ཡོད། དེ་ལས་རིམ་པ་བཞིན་དུ་ ཆོས་ཚན་གྱི་དྲག་ཤོས་ཚུ་ཡང་གསལ་བསྒྲགས་འབད་ཡོད། སློབ་རྡོ་རྗེ་ བསམ་གྲུབ་ཀྱིས་ དུས་ཅི་གི་ལོ་ཕྱེད་ཆོས་རྒྱུགས་ཀྱི་གྲུབ་འབྲས་འདི་ སློབ་རིམ་ཚུ་གི་གྲས་ལས་ སློབ་རིམ་བཅུ་པ་ཚུ་གིས་ དཔེ་ཆ་ ལུ་ བརྩོན་ཤུགས་བསྐྱེད་ནུག་ཟེར་བཤད་ཅི། ཁོང་སློབ་ཕྲུག་མང་ཤོས་ཅིག་གིས་བཤད་མི་ནང་ ན་ཧིང་དང་ཕྱེདཔ་ད་ དུས་ཅི་གི་ ལོ་འདི་ནང་ གྲུབ་འབྲས་ལེགས་ཤོམ་འབད་ ཐོན་ནུག་ཟེར་བཤད་ཅི།
ཡི་སྦི་སློབ་གྲྭ་ནང་ སློབ་ཕྲུག་ཨ་ལོ་ཚུ་ ན་ནི་གྱངས་ཁ་འདི་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས། ༉ ད་རེས་ནངས་པ་ ཡི་སྦི་སློབ་གྲྭ་ནང་ སློབ་ཕྲུག་ཨ་ལོ་ཚུ་ ན་ནི་གྱངས་ཁ་འདི་ ཡར་སེང་འགྱོ་དོ་ཡོདཔ་ཨིན་མས། སློབ་གྲྭ་གི་ དུས་ཚོད་ལུ་ ཆད་ནི་དེ་ཡང་ མང་སུ་ཐོན་དོ་ཡོདཔ་ལས་ ཨ་ལོ་ཚུ་ན་མི་ གནད་དོན་གཙོ་བོ་ར་ ཆུ་ཁོདམ་འདི་ འཐུངམ་ལས་ བརྟེན་ གསོ་བའི་དྲུང་འཚོ་གིས་ བཤདཔ་ཨིན་པས། དེ་འབད་ནི་འདི་གིས་ དེའི་དཀའ་ངལ་གསལ་ཐབས་ཀྱི་དོན་ལུ་ གསོ་བ་ དང་ སློབ་གྲྭའི་བདག་སྐྱོང་གིས་ ཁ་ཐུག་ལས་ ཆུ་ཁོདམ་འཐུང་ནི་ལས་ འཛེམས་ཏེ་ ཆུ་ཚ་ཏོམ་འཐུང་གནང་ཟེར་ དྲན་གསོ་ཞུཝ་ ཨིན་མས།
ཡི་སྦི་སློབ་གྲྭ་ནང་ལུ་ཡང་ དྲུགཔ་ཚེས་བཞི་གི་ ཉིནམ་རྩིས་བསྲུངས་ཞུ་ཡོདཔ་ཨིན། ༉ གཟའ་པ་སངས་ཀྱི་ ཉིནམ་དེ་ སངྱས་བཅོམ་ལྡན་གྱིས་ ཡུལ་ཝ་ར་ན་སི་ལུ་འབད་ འཁོར་ལྔ་སྡེ་བཟང་པོ་ལུ་ ཆོས་འཁོར་དང་པོ་ བསྐོར་བའི་ ཉིནམ་ཨིནམ་ལས་ ང་བཅས་ཡི་སྦི་སློབ་གྲྭ་ནང་ལུ་ཡང་ དཀར་མེ་སྟོང་ཕུལ་འདི་གིས་འབད་ མཐུན་དང་སྨོན་ལམ་ཚུ་ཡང་ རྒྱསཔ་འབད་གནང་ཡོདཔ་ཨིན། སློབ་དཔོན་ཨྱོན་རྡོ་རྗེ་གིས་ ཉིནམ་འདི་གི་སྐོར་ལས་ གསུང་མི་དང་འཁྲིལ་བ་ཅིན་ཉིནམ་ དེ་ལུ་ དགེ་བའི་ལཱ་འབད་བ་ཅིན་ དུས་ཨ་རྟག་དང་མ་འདྲ་བའི་ཕན་ཡོན་ ལོག་བལྟབ་སྦེ་ཐོབ་ཚུགས་ཟེར་ཨིན་མས། སློབ་གྲྭའི་ ཉེ་འདབས་ལུ་ཡོད་མི་ སློབ་དཔོན་གྱི་ཨམ་ཚུ་གིས་ཡང་ ཕྱག་དང་དཀར་མེ་ཚུ་ཕུལ་ཡོདཔ་མ་ཚད་ ཉེ་འདབས་ཀྱི་ཚོང་པ་ཚུ་གིས་ ཡང་ སློབ་ཕྲུག་ཨ་ལོ་ཚུ་ལུ་ བསིལ་ཆུ་དང་ གུ་རམ་ ཁ་བཟས་ལ་སོགས་པའི་ ཟས་ཀྱི་སྦྱིན་པ་ཚུ་ཡང་ གནང་ཡོདཔ་ཨིན། སློབ་ཕྲུག་ཨ་ལོ་ཚུ་གིས་བཤད་མི་ནང་ ཁོང་ཨ་ལོ་ཚུ་གིས་ཡང་ དད་མོས་བསྐྱེད་ནི་དང་ སྨོན་ལམ་བཏབ་ནི་ཚུ་ཡང་ ལེགས་ཤོམ་ འབད་ར་ ཧ་གོ་ཡི་ཟེར་བཤད་ཡོདཔ་ཨིན་པའི་གནས་ཚུལ། |
Weekly News >