Weekly News‎ > ‎

མཐའ་འཁོར་གནས་ཚུལ།

posted Jul 29, 2013, 12:07 AM by Namgay Dem   [ updated Jul 29, 2013, 12:25 AM ]


ཡི་སྦི་ལབ་རྩ་དང་ཏིང་ཏི་སྦི་བར་ན་གི་ཕྲང་ལམ་འདི་སེལ་ཡོདཔ་ཨིན་མས།

ལམ་འདི་སེལ་དགོ་པའི་གནད་དོན་འདི་གཙོ་བོ་རང་ ད་རེས་ནངས་པ་ ནམ་བྱཱར་ཆརཔ་རྐྱབ་ནི་འདི་གི་

ལམ་གཡས་དང་གཡོན་གྱི་རྩྭ་ཚུ་རིངམོ་འགྱོ་ནི་འདི་གི་ ཨ་ལོ་ཚུ་ལམ༌འགྱོཝ་ད་དཀའ་ངལ་འཐོན་ནི་

འདི་གི་ཨིན་མས། དེ་ཡང་སློབ་གྲྭ་བདག་སྐྱོང་གིས་ཞུ་བ་ཕུལཝ་བཞིན་དུ་ ཁོང་རའི་ཨ་ལོའི་ཕམ་ཚུ་གིས་ཡང་

རྒྱབ་སྐྱོར་མཛད་དེ་རེ་གཟའ་ཟླ་བ་ སྤྱི་ཚེ་༢༡ལུ་བསེལ་ཡོདཔ་ཨིན་མས།

ཡི་སྦི་ལབ་རྩ་སློབ་གྲྭ་ནང་ལུ་ གཞལམ་་སྒང་ལས་འགོ་དཔོན་གཅིག་བྱོན་ཏེ་ཨ་ལོ་ཚུ་ལུ་

ཕྱགས་རྙིགས་སླར་སྤྱོད་འབད་ཐངས་ཀྱི་སྐོར་ལས་སྦྱོང་བརྡར་བྱིན་ ཡོདཔ་ཨིན་མས།

རེ་གཟའ་པ་སངས་ལུ་ ཡི་སྦི་ལབ་རྩ་སློབ་གྲྭ་ནང་ལུ་ གཞལམ་་སྒང་ལས་འགོ་དཔོན་གཅིག་བྱོན་ཏེ་ ཨ་ལོ་ཚུ་ལུ་ ཕྱགས་རྙིགས་

སླར་སྤྱོད་འབད་ཐངས་ཀྱི་སྐོར་ལས་སྦྱོང་བརྡར་བྱིན་ཡི། དེ་ནང་ལུ་ ང་བཅས་སློབ་གྲྭ་ནང་རང་བཞིན་ཚོགས་ཕྲིན་གྱི་འཐུས་མི་དང་

(scout) སི་ཀའུཊ་གི་ཚོགས་པགྱི་འཐུས་མི་བསྡོམས་ཏེ་ ཁོང་༥༥གིས་བཅའ་མར་གཏོགས་ཅིག    དེ་ཁར་ བཅའ་མར་

གཏོགས་མི་ ཉིམ་འབྲུག་པ་གིས་སླབ་མི་ནང་ ཁོ་གིས་སེམས་ཁར་ལས་རིམ་འདི་ གནམ་མེད་ས་མེད་གལ་ཅན་ཅིག་འབད་ཚར་ཡི་ཟེར་

སླབ་ཡོདཔ་མ་ཚད་ ཁོ་གིས་མ་འོངས་པ་ལུ་ ཁོ་རའི་གཡུས་ཁ་ལུ་ཡང་ལག་ལེན་འཐབ་ནི་གི་རེ་བ་ཡོད་ལུགས་ཚུ་བཤད་ཡོདཔ་ཨིན།

འགོ་གླིང་གཡུས་ཚན་ནང་ལུ་ ཤཝ་གིས་ལོ་ཐོག་ལུ་གནོད་རྐྱེན་སྦོམ་འབད་རང་བསྐྱེད་དོ་ཡོདཔ་ཨིན་མས།

དུས་ཅི་འགོ་གླིང་གི་གཡུས་ཚན་ནང་ལུ་ ཨ་རྟག་དང་མ་འདྲ་བའི་ཤཝ་ཚུ་གིས་ལོ་ཐོག་ལུ་ གནོད་རྐྱེན་སྦོམ་འབད་རང་བསྐྱེད་དེ་

འདུག།ཧེ་མ་འབད་བ་ཅིན་ ཞིང་འདི་གནམ་ནུབ་མོ་རྐྱངམ་ཅིག་ བསྲུང་དོ་ཡོདཔ་མས། དུས་ཅིག་འབདཝ་ད་ གནམ་ཉི་མ་ཡང་

བསྲུང་དགོཔ་འཐོན་དོ་མས། ཚོགས་པ་དཔལ་འབྱོར་གྱི་བཤད་མི་ནང་ ཁོ་གི་ཞིང་འདི་ ཧ་ལམ་མཇུག་བསྡུ་གུ་ ལྷོད་སོ་ནུག་ཟེར་

ཨིན་པས། དེ་བཟུམ་མའི་དཀའ་ངལ་འབྱུང་མི་ལུ་བལྟ་སྟེ་ མི་སེར་འདི་ཚུ་གནམ་མེད་ས་མེད་བློ་ཕམ་འབྱུང་སྟེ༌ཡོད༌ཟེར༌ཨིན༌མས།

Comments