Weekly News‎ > ‎

བདུན་ཕྲག་གནས་ཚུལ།

posted Apr 18, 2014, 8:27 AM by Dorji Nedup

གཞལམ་སྒང་རྫོང་ཁག་གི་ལོ་ལྟར་ཚེས་བཅུ་འདི་རེ་བཟའ་པ་སངས་གི་དྲོ་པ་ཆུ་ཚོད་༤ ལུ་ཨོ་རྒྱན་གུ་རུ་རིན་པོ་ ཆེའི་མཐོང་གྲོལ་ མི་དམངས་ལུ་ མཇལ་ཁ་གནང་སྟེ་གྲོལ་གནང་ནུག དུས་ཅིག་གནམ་ལོ་ ༢༠༡༤ གི་ལོ་ལྟར་ ཚེས་བཅུ་འདི་རེ་གཟའ་ མིག་དམར་ལས་ འགོ་བཙུགས་ཏེ་རེས་གཟའ་པ་སངས་ལུ་མཇུག་བསྡུས་ནུག། ཚེས་བཅུའི་ཉིནམ་གསུམ་པའི་སྐབས་ལུ་ གུ་རུ་མཚན་བརྒྱད་ཀྱི་དམངས་འཆམ་དང་གིང་ཚོགས་གླིང་གི་འཆམ་གསུམ་གྱི་ཚེས་བཅུ་གི་ སྐབས་ལུ་གཞལམ་སྒང་རྫོང་ཁག་འོག་ ལུ་ཡོད་པའི་ གཞུང་གི་ཡིག་ཚང་དང་གཞན་ལས་ ཁུངས་ཁག་སོ་སོ་ཡོད་མི་དང་སློབ་གྲྭ་ཁག་སོ་སོ་གེ་ར་ངལ་གསོ་འབད་ བཞག་གནང་ནུག།

ཚེས་བཅུ་འདི་རེས་གཟའ་པ་སངས་གི་དྲོ་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་མཐོང་གྲོལ་མི་སེར་དམངས་ལུ་མཇལ་ཁ་གནང་སྟེ་གྲོལ་གནང་ ནུག། མཐོང་གྲོལ་མཇལ་ཁ་གནང་པའི་སྐབས་ལུ་ས་གནས་ཀྱི་མི་སེར་འདི་ཚུ་དྲོ་པ་ཆུ་མཚོད་ ༣ ལས་རྫོང་གི་འོག་ལུ་འཛོམས་ ནི་འགོ་བཙུགས་ནུག་ཟེར་བའི་གནས་ཚུལ་ཡི་བི་སྦྱང་གྲགས་གིས་ དོན་ལུ་ངོ་ མིང་བསོད་ནམས་ལྷ་མོ་ང་གི་བདུག་སྒྲགས་ འབདཝ་ཨིན།

གཟའ་ཉིམ་དབྱིན་ཟླ་༤ པའི་དབྱིན་ཚེས་༥ ལུ་སྟིང་ཏི་སྦི་འབྲིང་རིམ་སློབ་གྲྭ་འོག་མ་ནང་ལུ་བང་རྒྱུག་གི་ལས་རིམ་ཅིག་འགོ་འདྲིན་ འཐབ་མི་ནང་ལུ་སྡེ་ཚན་ཀ་ཁ་ག་འབད་བཟོ་ནུག།

དེ་ཡང་སྡེ་ཚན་ཀ་པའི་དོན་ལུ་སྐྱེ་ལོ་ ༡༤ ལས་ཡར་ཆད་དང་། སྡེ་ཚན་ཁ་པའི་ནང་ལུ་སྐྱེ་ལོ་ ༡༡-༡༣ ཚན། དེ་ལས་སྟེ་ཚན་ག་ པའི་དོན་ལས་སྐྱོ་ལོ་༩-༡༠ ཚན་བཟོ་ནུག། བུཚུ་དང་བུམོ་གཉིས་ཆ་རང་སྡེ་ཚན་འདྲན་འདྲ་བཟོ་སྟེ་འགོ་དྲིན་འཐབ་པའི་སྐབས། བུཚུ་སྦོམ་ཚུ་གི་སློབ་གྲྭའི་ས་ཁོངས་ནང་ལས་བྱོ་བྭན་གོ་ལ་ཚན་དང་བྱི་བྭན་གོ་ལ་ལས་སློབ་གྲྭའི་ས་ཁོངས་ཚན་ ཀི་ལི་མི་ཀྲར་༡༣ འབད་བཟོ་སྟེ་རྒྱུག་ནུག། དེ་ལས་བུམོ་ཚུ་གི་སློབ་གྲྭའི་ས་ཁོངས་ནང་ལས་ལམ་སེལ་ཡིག་ཚང་དང་ལོག་སྟེ་སློབ་གྲྭ་ཚན་ ཀི་ལོ་མི་ཀྲར་ ༡༠ འབད་འབྱུགས་ནུག།

དེ་འབད་འགོ་དྲིན་འཐབ་ཡོདཔ་ལས་སྡེ་ཚན་ཀ་པའི་ནང་ལས་བུཚུ་ངོ་མིང་ ཨཱཡེ་ཏ་རཱཇ སློབ་རིམ་༨ པའི་ནང་ལས་ཨང་དང་ པ་མཐོན་ཡོད་ཨིན་པས། དེ་བཟུམ་འབད་རང་བུམོ་སྡེ་ཚན་ནང་ལས་ངོ་མིང་ སྤ་སངས་ལྷ་མོ་ཏཱ་མང་ སློབ་རིམ་ ༥ པའི་ནང་ལས་འཐོན་ཡོད་ཨིན་མས།

ཁོང་ཨང་དང་པ་ གཉིས་པ་ གསུམ་པ་འཐོན་ཡོད་མི་ཚུ་ལུ་གསེ་རས་དཀར་མེ་ཀོངམ་འབོམ་ཆུང་རེན་ཏོག་ཏོག་རེ་གནང་ཡོད་ ཨིན་པས།

ཡི་སྦི་བྱང་གྲ་ལུ་སྟོན་འཛིན་ཆོས་སྤོལ་གི་གནས་ཚུལ་འདུ་ཨིན་འབདཝ་ཨིན།

Comments