Home News‎ > ‎

Annual School Rimdro

posted Mar 10, 2014, 8:49 PM by Sonam Leki   [ updated Mar 18, 2014, 3:59 AM ]

༉   ལོ་ལྟར་གནང་གསོལ་ཡོད་པའི་  སློབ་གྲྭའི་རིམ་འགྲོ་འདི་ གཟའ་སྐར་དགེ་ བའི་འཕྲོད་སྦྱོར་ 

དང་བསྟུན་རང་ཟླ་  དང་པའི་ཚེས་  ༩  ལུ་གནང་ཡོདཔ་ཨིན།   རིམ་འགྲོ་འདི་ཡང་  

ཆོ་འཕྲུལ་ཟླ་བའི་དུས་བཟང་དང་འཁྲིལ་  ཤའི་རིགས་ལག་ལེན་མ་འཐབ་པར་  བྱ་བརྒྱུད་ཀྱི་ཐོག་ལས་  

སྒྲོལ་མ་གཡུལ་བཟློག་གནང་ཡོདཔ་ཨིན།  སྤྱིར་འཇིག་རྟེན་གྱི་ཁམས་དང་ ཁྱད་པར་དུ་དཔལ་ལྡན་ འབྲུག་པའི་ 

རྒྱལ་བློན་འབངས་འཁོར་དང་དགོས་སུ་སློབ་གྲྭའི་སློབ་དཔོན་དང་སློབ་ཕྲུག  ་ཡོངས་   མི་མཐུན་པའི་རྐྱེན་ངན་

བར་ཆད་ཀྱི་གཡུལ་ལས་རྒྱལ་ནིའི་དོན་ལས་  གཡུལ་བཟློག་འདི་གནང་ཡི།  རིམ་འགྲོ་དང་འབྲེལ་  

སློབ་གྲྭའི་སྔ་ཕྱིའི་ཐུན་གྱི་  དཔེ་དེབ་བསྡུས་དེབ་མཆོག་བསྒྲིགས་མ་  ཟེར་མི་ ཅིག་ཡང་  གསར་སྟོན་འབད་ཡོདཔ་ཨིན།།

Rimdro-2014


Comments