Home News‎ > ‎

སློབ་གྲྭའི་ལོ་ལྟར་རིམ་འགྲོ།

posted Apr 10, 2013, 9:46 PM by Sonam Leki   [ updated Apr 11, 2013, 10:00 PM ]
School Rimdro
༉  ཡི་སྦི་ལབ་རྩ་སློབ་གྲྭའི་ལོ་ལྟར་རིམ་འགྲོ་འདི།  དབྱིན་ཟླ་བཞི་པའི་དབྱིན་ཚེས་༢༠ལུ་ཞབས་དྲུང་སྐུ་མཆོད་ཀྱི་དུས་ བཟང་དང་བསྟུན་གནང་ནི་འབད་བཞག་ཡོདཔ་ཨིན་རུང་། གནམ་ལོ་༢༠༡༣གི་སྤྱི་ཚོགས་༢པའི་བཙག་འཐུ་གིས་བྱ་སྟབས་མ་བདེཝ་ལས་བརྟེན།  དབྱིན་ཟླ་འདི་གི་དབྱིན་ཚེས་༡༠ ལུ་གཞལམ་གནས་བརྟེན་གྱིས་གཙོས་པའི་དགེ་སློང་ཞལ་གྲངས་༡༥ དེ་ཅིག་གིས་ཚེའི་དངོས་གྲུབ་འཐོབ་ནི་གི་དོན་ལུ་ཚེ་དཔག་མེད་དབང་དང་། རྐྱེན་བར་ཆད་བསལ་ནི་གི་དོན་་ལྷ་མོའི་ཚོགས་འཁོར། དེ་ལས་རབ་གནས་དང་། བགེགས་བསྐྲད་ལ་སོགས་པའི་རིམ་འགྲོ་ཚུ་རྒྱས་ཤིང་རྒྱསཔ་སྦེ་གནང་ཡི། ལས་རིམ་འདི་ནང་ ཏིང་ཏི་སྦི་སློབ་གྲྭ་ཆུང་བའི་སློབ་དཔོན་ཚུ་དང་།  ཡི་སྦི་ལབ་རྩ་སྨན་ཁང་གི་བཟའ་ཚང་ཚུ་དང་། ཚོང་པ་འདི་ཚུ་གིས་ཡང་བཅའ་མར་གཏོགས་གནང་ཡི། །

 

རྫོང་སློབ་ ཨྱོན་རྡོ་རྗེ།