Home News‎ > ‎

དྲག་ཤོས་རྫོང་བདག་མཆོག་གིས་གཟེངས་བསྟོད་ཀྱི་རྟགས་མ་གནང་ཡོདཔ།

posted Oct 15, 2013, 9:36 PM by Dorji Nedup   [ updated Oct 15, 2013, 9:38 PM ]
༉ ད་རེས་ག་ནི་བ་རྟགས་དང་རྟེན་འབྲེལ་ལེགས་པའི་ཉིནམ་འདི་ནང་ ང་བཅས་ཡི་སྦི་ལབ་རྩ་འབྲིང་རིམ་བར་མའི་བཟའ་ཚང་ཡོངས་ལུ་ སེམས་ཁར་ལུ་དགའ་བ་དང༌སྤྲོ༌བ༌ཚད་མེདཔ་འབད་བྱུང་ཡི་ཟེར་ཞུ་ནི་ཨིན། དེ་ཡང་ག་ཅི་སྨོ་ཟེར་བ་ཅིན་ ད་རེས་ང་བཅས་ཀྱི་སློབ་གྲྭ་ནང་

འབྲུག༌མི༌ཡོངས༌ཀྱི༌སྤྱི༌གཙུག༌གི༌ཉི༌ཟླ༌དང༌དྲིན༌ཅན༌གྱི༌ཕམ༌དཔལ༌མི༌དབང༌མངའ༌བདག༌རིན༌པོ༌ཆེ༌མཆོག༌གི༌སྐུ༌ཚབ༌དྲག་ཤོས་རྫོང་བདག་

མཆོག་དང་རྗོང་ཁག་ཤེས་རིག་འགོ་དཔོན་གཉིས་སྐུ༌འོ༌བརྒྱལ༌བ༌དང༌ཐུགས་འཚེར་བ༌ལུ༌མ༌གཟིགས༌པར༌ཁག༌ཆེ༌བའི༌སྐུ༌སྒེར༌དང༌གཞུང༌གི༌

ཕྱག༌ལཱ༌མང༌རབས༌ཅིག༌ཡོད༌དེ༌རང༌འབད༌རུང༌དམིགས༌བསལ༌དུ༌ང༌བཅས༌སློབ༌དཔོན༌དང༌སློབ༌ཕྲུག༌ཚུ༌གིས༌མཐའ༌དོན༌ལུ༌ཐུགས༌ཀྱི༌

བརྩེ༌བ༌གཟིགས༌ཏེ༌ཞབས༌ཀྱི༌བཅགས༌གནང༌མི༌དེ༌ལུ༌ག༌ཅི༌དེ༌ རྗེས༌སུ༌ཡིད༌རང༌སྦོམ༌སྦེ༌བྱུང༌ཡི༌ཟེར༌ཞུ༌ནི༌ཨིན།

དྲག༌ཤོས༌མཆོག༌དང༌ཤེས༌རིག༌འགོ༌དཔོན༌ལུ༌ང༌བཅས༌སློབ༌དཔོན༌དང༌སློབ༌ཕྲུག༌ཡོངས༌ཀྱིས༌ཁ༌ཐུག༌ལསལྷག༌པར༌དུ༌དབུ༌འཛིན༌རང༌གིས༌ཁ༌ཐུག༌ལས༌ཧིང༌ལས༌རང༌འབྱོན༌པ༌ལེགས༌སོ༌ཡོད༌ཟེ༌ཞུ༌ནི༌ཨིན།དྲག༌ཤོས༌མཆོག༌ལུ༌གནས༌ཚུལ༌བཟུམ༌ཅི༌སྦེ༌ཞུ༌བ༌ཅིན༌ང༌བཅས༌ཡི༌སྦི༌

བཟའ༌ཚང༌གིས༌ཁ༌ཐུག༌ལས༌དངཔ༌ཅིག༌ལུ༌མི༌དབང༌ཡབ༌སྲས༌གཉིས་ཀྱིས༌ཐུགས༌ཀྱི༌དགོངས༌བཞེས༌བསྒྲུབ༌ཐབས༌ལུ༌ དེ༌ལས༌ང༌བཅས༌

རའི༌རྒྱལ༌ཡོངས༌ཀྱི༌ཤེས༌རིག༌གི༌དམིགས༌ཡུལ༌བསྒྲུབ༌ནི༌གི༌དོན༌ལུ༌དང༌རྫོང༌ཁག༌ཤེས༌རིག༌སྡེ༌ཚན༌དང༌སློབ༌གྲྭའི༌དམིགས༌ཡུལ༌དང༌འཁྲིལ༌

ང༌བཅས༌རའི༌མ༌འོངས༌པའི༌མི༌སེར༌ལྕོགས༌གྲུབ༌ཅན༌བཟོ༌ནི༌གི༌དོན༌ལུ༌ང༌བཅས༌སློབ༌དཔོན༌ཚུ༌གིས༌དཔེ༌ཆ༌གི༌ཐད༌ལས༌འབད༌རུང༌འདྲ་

སྒྲིག༌ལམ་གྱི༌ཐད༌ལས༌འབད༌རུང༌ཅི༌ལྕོགས༌གང༌ལྕོགས༌འབད༌ཕྱག༌ཞུཝ༌དང༌ཞུཝ༌བཞིན༌དུ༌ཡོད༌ཟེར༌ཞུ༌ནི༌ཨིན། ཁོང༌སློབ༌ཕྲུག༌ཚུ༌གིས༌

ཁ༌ཐུག༌ལས༌འབད༌རུང༌ཡོན༌ཏན༌ཐོབ༌ནི༌གི༌དོན༌ལུ༌བརྩོན༌ཤུགས༌སྦོམ༌བསྐྱེད༌དེ༌ལྷབ༌མས༌ཟེར༌ཞུ༌ནི༌ཨིན།

ད༌རེས༌གོ༌སྐབས༌ཐོབ༌ད༌ དྲག༌ཤོས༌མཆོག༌ལུ ང༌བཅས༌སློབ༌གྲྭའི༌དཀའ༌ངལ༌དུམ༌གྲ༌ཅིག༌ཐོན༌མི༌དེ༌ཐུགས༌དཀྲོག༌པའི༌གཞི༌ཅི༌ལས༌མེད༌

རུང༌མ༌ཞུ༌བ༌རྒྱ༌ཐབས༌མེདཔ༌ལས་བརྟེན་ཞུ་དགོཔ་བྱུང་ཡི་ དེ༌ཡང༌ད༌རེས༌ཁམས༌ཅིག༌ཁར༌ང༌བཅས༌སློབ༌གྲྭ༌ནང༌སའི༌སྡོང༌ནང༌ཡོད༌མི༌

གློག༌མེ༌གི༌ཐགཔ༌ལོ༌ངོ༌མང༌རབས༌ཅིག༌འགྱོཝ༌ལས༌བརྟེན༌མེདཔ༌ཡར༌སོ༌ནུག༌ཟེར༌ཞུ༌ནི༌ཨིན།ཁོང༌གློག༌མེ༌ལྟ༌རྟོག༌པ༌གིས༌ཁ༌ཐུག༌ལས༌

འབད༌བ༌ཅིན༌ དེ༌གིས༌མིའི༌ཚེ༌སྲོག༌ལུ༌ཉེན༌ཁ༌ཡོད༌པའི༌ཉེན༌བརྡ༌ཅིག་ཨིན༌ཟེར༌སླབ་མས་ དེ་གི་ཡང་མ་ཚད་ཆོས༌རྒྱུགས༌རྐྱབ༌ནི༌གི་དུས༌ཚོད༌

ཡང་ཉིནམ༌ཅིག༌བ༌ཉིནམ༌ཅིག༌སྦོ༌ལོག༌ཁར༌འོངམ༌ལས༌བརྟེན༌ང༌བཅས༌སློབ༌གྲྭའི༌བདག༌སྐྱོང༌དང༌སློབ༌ཕྲུག༌གཉིས༌ཆ༌ར༌ལུ༌ཚ༌གྱང༌ལང༌དགོ༌

པའི༌གཞི༌ཅིག༌ལུ༌གྱུར༌སོང༌ཡི༌ཟེར༌ཞུ༌ནི༌ཨིན།དྲག༌ཤོས༌མཆོག༌གིས༌དཀའ༌ངལ༌གསལ༌ཐབས༌ཀྱི༌དོན༌ལུ༌སྐྱིད༌སྡུག༌གཟིགས༌གནང༌ཟེར༌ཞུ༌ནི༌

ཨིན།

ད༌མཇུག༌ར༌དྲག༌ཤོས༌མཆོག༌གིས༌ང༌བཅས༌སློབ༌དཔོན༌དང༌སློབ༌ཕྲུག༌ག༌ར༌ལུ༌བཀའ༌སློབ༌བཟང༌པོ༌ཅིག༌གསུངས༌ཏེ༌བཀའ༌དྲིན༌བསྐྱང༌

གནང༌ཟེར༌ཞུ༌ནི༌ཨིན།

 

༉ གནམ་ལོ་༢༠༡༣ དབྱིན་ཟླ་༡༠ པའི་དབྱིན་ཚེས་ ༡༥ ལུ་ ང་བཅས་ཡང་སྦི་ལབ་རྩ་སློབ་གྲྭ་ནང་ལུ་ གཞལམ་སྒང་རྫོང་ཁག་གི་ དྲག་ཤོས་རྫོང་བདག་མཆོག་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་སློབ་ཕྲུག་དྲག་ཤོས་ཐོན་ཡོད་མི་ཚུ་ལུ་ གཟེངས་བསྟོད་ཀྱི་

རྟགས་མ་གནང་པར་ བྱོན་གནངམ་དང་ཅིག་ཁར་བཀའ་སློབ་བཟང་པོའི་གསུང་བཤད་ཅིག་ཡང་གནང་ཡི་ དྲག་ཤོས་ཀྱི་གསུང་བཤད་

གནང་མི་ནང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སློབ་ཕྲུག་ཚུ་ལུ་དེ་བཟུམ་མའི་ཐུགས་ཀྱི་བརྩེ་བ་མཛད་གནང་མི་འདི་ལུ་ སློབ་ཕྲུག་ཨ་ལོ་ཚུ་གིས་ཁ་ཐུག་ལས་འབད་རུང་ ངལ་རངས་དང་ཡིད་ཆེ་སྦོམ་བསྐྱེད་དགོཔ་ཅིག་ཨིན་ཟེར་གསུང་ཡི།

དེ་བཟུམ་མའི་རྟགས་མ་ཐོབ་མི་ཚུ་གིས་འབད་རུང་ ནཱ་ལས་ཕར་འཕྲོ་མཐུད་དེ་རང་ཐོབ་ནི་ཡོད་པའི་ མནོ་བསམ་གཏང་དགོཔ་མ་ཚད་ མ་ཐོབ་མི་ཚུ་གིས་ཡང་ཐོབ་ནི་གི་དང་འདོད་དང་རེ་བ་སྦོམ་བསྐྱེད་དེ་ རྩ་འགེངས་དགོཔ་འདི་ཁག་ཆེ་ཟེར་གསུང་ཡི།

དེ་དང་ཅིག་ཁར་ དྲག་ཤོས་ཁོ་རང་གིས་ཁ་ཐུག་ལས་འབད་རུང་ སློབ་གྲྭ་ནང་ལུ་གློག་མེའི་དཀའ་ངལ་ཐོན་ཏེ་ཡོད་མི་འདི་ ཐུགས་ཁར་ བསྣམས་ཏེ་འཕྲལ་མགྱོགས་རང་ བསལ་ཏེ་གནངཝ་ཟེར་གསུང་སྟེ་གི་འབད་གསུང་བཤད་མཇུག་བསྡུ་གནང་ཡི།


Comments